འབྲུག་གི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ དངུལ་འབྲེལ་རིང་ལུགས་སྒྲིང་སྒྲིང་བཟོ་ཐོག་ལས་ ཡར་དྲག་གཏང་ཚུགས་ག?

འབྲུག་གཞུང་འདི་ རྒྱལ་ཁབ་ཀྱི་དངུལ་འབྲེལ་ཤེས་ཡོན་ཡར་རྒྱས་གཏང་ནི་དོན་ལུ་ ཉོ་ཚོང་འཐབ་མི་དང་ཚོང་འབྲེལ་པ་ཚུ་མཉམ་ ལཱ་འབད་བའི་བསྒང་ཡོདཔ་ཨིན། པར། ADB
འབྲུག་གཞུང་འདི་ རྒྱལ་ཁབ་ཀྱི་དངུལ་འབྲེལ་ཤེས་ཡོན་ཡར་རྒྱས་གཏང་ནི་དོན་ལུ་ ཉོ་ཚོང་འཐབ་མི་དང་ཚོང་འབྲེལ་པ་ཚུ་མཉམ་ ལཱ་འབད་བའི་བསྒང་ཡོདཔ་ཨིན། པར། ADB

By Kanokpan Lao-Araya, Carlo Antonio Garcia

འབྲུག་རྒྱལ་ཁབ་འདི་ དངུལ་ཟོལ་འབད་ནི་གོ་སྐབས་ མར་ཕབ་ཀྱི་ལཱ་འབདཝ་དང་གཅིག་ཁར་ དངུལ་འབྲེལ་རིང་ལུགས་ཀྱི་ ཉེན་སྲུང་ཡར་རྒྱས་གཏངམ་ཨིན།

འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་༢༠༠༨ ལུ་ གཞུང་འབྲེལ་དུ་གསལ་བཀོད་འབད་ཡོད་པའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ རྒྱལ་ཡོངས་ཀྱི་དམིགས་དོན་ཨིན་པའི་ སྙན་གྲགས་སོང་སྟེ་ཡོདཔ་ཨིན་རུང་ འཕྲལ་གྱི་དངུལ་འབྲེལ་ལས་སྡེ་གོང་འཕེལ་ལས་བརྟེན་ རྒྱལ་ཁབ་ཀྱི་རྒྱལ་ཡོངས་དགའ་སྐྱིད་ རྒྱུན་སྐྱོང་འཐབ་ནི་ལུ་ བྱ་སྟབས་མ་བདེཝ་བཟོ་སྟེ་ཡོདཔ་ཨིན།

ལོ་ངོ་བཅུ་ཕྲག་གསུམ་གྱི་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སོང་ཡོད་མི་ལུ་བརྟེན་ རྒྱལ་ཡོངས་ཀྱི་དབུལ་ཕོངས་ཚད་འདི་ མར་ཕབ་སོང་ཡོདཔ་ཨིན། འ་ནཱི་འདི་གནས་ཚུལ་ལེགས་ཤོམ་ཨིན་རུང་ འབྲུག་གི་དངུལ་འབྲེལ་ལས་སྡེ་ནང་ མ་དངུལ་མང་སུ་སྦེ་འཛུལ་དོ་ཡོད་མི་ལུ་བརྟེན་ ཉེན་སྲུང་དང་གཞི་རྟེན་ལེགས་ཤོམ་ཚུ་དགོཔ་ཨིན། དངུལ་འབྲེལ་ཐབས་ལམ་གསརཔ་ཚུ་དང་ ལྷག་པར་དུ་མགྱོགས་དྲགས་ཅན་གྱི་ ཨང་གནས་ཅན་ཚུ་ ཚོང་ལམ་ཚུ་ནང་ལྷོད་ཡོདཔ་ལས་ རྒྱལ་ཁབ་ཀྱི་དངུལ་འབྲེལ་རིང་ལུགས་འདི་ རྒྱལ་སྤྱི་ནང་ལུ་ཉེན་ཁ་ཕྱིར་སྟོན་འབདཝ་ཨིན་མས།

འབྲུག་རྒྱལ་ཁབ་ཀྱི་ དངུལ་འབྲེལ་ས་གནས་ཡར་རྒྱས་གཏང་དགོཔ་དང་ དངུལ་ཟོལ་འབད་ནི། མ་དངུལ་དྲག་ཐོག་དབང་བཙོང་འབད་ནི། གཡོ་སྒྱུ། གློག་རིག་ཐོག་ལས་བྱ་ངན་འབད་ནི་དང་ གཞན་དངུལ་འབྲེལ་བྱ་ངན་འབད་དེ་ དངུལ་འབྲེལ་རིང་ལུགས་རྩ་བརྟན་མེདཔ་བཟོ་ནི་ཚུ་ མར་ཕར་རྐྱབ་ནིའི་དོན་ལུ་ ཚད་འཛིན་གཞི་བཀོད་ཚུ་ རྒྱ་སྐྱེད་གཏང་དགོཔ་འདུག

གཞུང་གིས་ནཱི་ཚུའི་བྱ་སྟབས་མ་བདེཝ་ ངོས་འཛིན་འབད་ཡོདཔ་ལས་ བསལ་ཐབས་ཀྱི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་ཨིན། གོང་འཕེལ་མཉམ་འབྲེལ་པ་ཚུ་དང་གཅིག་ཁར་ དངུལ་འབྲེལ་ལས་སྡེ་ནང་གི་ སྐྱོན་ཆ་གཏན་འབེབས་བཟོ་ནིའི་དོན་ལུ་ ལཱ་ཚུ་འབད་དེ་ འབྲུག་གཞུང་གིས་ཁོང་རའི་ དཔལ་འབྱོར་གོང་འཕེལ་སྲུང་སྐྱོབ་ཚུ་ རྒྱལ་ཡོངས་དངུལ་འབྲེལ་རིང་ལུགས་ཀྱི་ཉེན་སྲུང་དང་མཐུནམ་སྦེ་ འོང་དགོཔ་ཧ་གོ་སྟེ་ཡོདཔ་ཨིན།

རྒྱལ་གཞུང་དངུལ་ལས་དབང་འཛིན་འམ་ འབྲུག་གི་དངུལ་ཁང་ལྟེ་བ་གིས་འབད་བ་ཅིན་ ལེགས་སྒྱུར་གྱི་བརྡ་དོན་ཐབས་ལམ་སྟོན་མི། རྩ་བརྟན་བཟོ་མི་དང་། རྒྱལ་ཁབ་ཀྱི་དངུལ་འབྲེལ་གཞི་རྟེན་དང་ལམ་ལུགས་ཡར་རྒྱས་གཏང་མི་ མ་དངུལ་ཚོང་འབྲེལ་གོང་འཕེལ་ལས་རིམ་ ལག་ལེན་འཐབ་ནི་དོན་ལུ་ ནང་འཁོད་ཀྱི་འགོ་ཁྲིད་འདི་ཨིན། ལས་རིམ་འདི་ཡུན་བརྟན་སྦེ་བཞག་ནི་དོན་ལུ་ འབྲུག་པའི་དབང་འཛིན་ཚུ་ ADB དང་གཞན་མི་མཉམ་འབྲེལ་གོང་འཕེལ་ཚུ་ལས་ འཕྲུལ་རིག་རྒྱབ་སྐྱོར་ལེན་ཐོག་ལས་ འ་ནཱི་དམིགས་ཡུལ་སྒྲུབ་ནིའི་དོན་ལུ་ ལེགས་སྒྱུར་ཡང་སེང་འབད་ནི་ལུ་བརྩོན་ཏེ་ཡོད།

དེ་མ་ཚད་ འབྲུག་གི་ཁྲིམས་བཟོ་ལྷན་སྡེ་གིས་ དངུལ་ཟོལ་བཀག་དམ་དང་ དངུལ་འབྲེལ་དྲག་ཐོག་དབང་བཙོང་བཀག་འཛིན་གྱི་བཅའ་ཁྲིམས་ ༢༠༡༨ ཅན་མ་འདི་ཆ་འཇོག་འབད་ཡོདཔ་ཨིན། འ་ནཱི་གིས་ འབྲུག་པའི་དངུལ་འབྲེལ་རིང་ལུགས་འདི་ རྒྱལ་སྤྱིའི་གནས་ཚད་ནང་ དངུལ་ཟོལ་དང་ དངུལ་འབྲེལ་དྲག་ཐོག་དབང་བཙོང་ ཟློག་ཐབས་བསྒྲིག་མི་ དངུལ་འབྲེལ་ལས་བྱེད་ཚོགས་ཆུང་གི་གནས་ཚད་དང་བསྟུན་ ལེགས་སྒྱུར་འབད་དགོཔ་ཨིན། ཁྲིམས་ལུགས་འདི་ དངུལ་འབྲེལ་ལས་སྡེ་ནང་ གཞི་རྟེན་གྱི་ལེགས་སྒྱུར་ཅིག་ཨིན།

རྒྱལ་སྤྱིའི་གནས་ཚད་ དང་ལེན་འབདཝ་དང་གཅིག་ཁར་ དངུལ་ཁང་ལྟེ་བ་གིས་ མི་དམངས་དང་བྱེ་བྲག་ཏུ་ གྲོང་གསེབ་ཀྱི་སྐྱིན་འགྲུལ་ལེན་མི་དང་ ཐོབ་ལམ་ཉུང་བའི་མི་ དཔེར་ན་ དབུལ་ཕོངས་ཀྱི་དཀའ་ངལ་ཡོད་མི་དང་ ན་གཞོན་ དེ་ལས་ཨམ་སྲུ་ཚུ་ལུ་ དངུལ་འབྲེལ་ཤེས་ཡོན་རིག་རྩལ་ཡར་རྒྱས་ཀྱི་དོན་ལུ་ ལྕོགས་གྲུབ་ཡར་འཕེལ་ལས་རིམ་བཟོ་སྟེ་ཡོདཔ་ཨིན།

དངུལ་འབྲེལ་ཤེས་ཡོན་ཡར་རྒྱས་ལས་བརྟེན་ འབྲུག་མི་ཚུ་གིས་དངུལ་ཁང་ལས་དོན་རིང་ལུགས་ཀྱི་འོག་ལུ་ དབང་ཆ་དང་འགན་ཁུར་ཚུ་ ཧ་གོ་ཚུགས། ཨང་གནས་ཅན་གྱི་དངུལ་འབྲེལ་ལས་དོན་གྱིས་ སྔོན་གྱི་དངུལ་ཁང་ལས་དོན་རིང་ལུ་ནང་མེད་མི་ ཐོབ་ལམ་གསརཔ་དང་ གཞན་དཔལ་འབྱོར་གྱི་གོ་སྐབས་ཚུ་ཧ་གོ་ཚུགས།

སྤྱི་ལོ་༢༠༢༠ སྤྱི་ཟླ་བདུན་པའི་ན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་ཀྲམ ༣༠༠,༠༠༠ ཡང་ན་ ཧ་ལམ་ཡུ་ཨཱེསི་ཌོ་ལར་ ༤༡༠༠ དང་འདི་ལས་ཡན་ཆད་ ཐོགས་ཆ་མེད་པར་རང་བཞིན་གྱིས་ཨང་གནས་ཅན་གྱི་མ་དངུལ་སྤྲོད་ལེན་སྙན་ཞུ་བྱིན་མི་ འབྲུག་དངུལ་འབྲེལ་བློག་རིག་དབྱེ་ཞིབ་རིང་ལུགས་ གསར་བཏོན་འབད་དེ་ཡོད།

འ་ནཱི་རིང་ལུགས་ཀྱིས་ འབྲུག་གི་དངུལ་འབྲེལ་དྲང་བདེན་རྩ་བརྟན་བཟོ་ནི་དང་ དངུལ་ཟོལ་ཚུ་མར་ཕབ་འབད་ནི་དོན་ལུ་ སྙན་ཞུའི་བརྡ་དོན་སྤྲོད་མི་གིས་ དོགས་པ་ཅན་གྱི་དངུལ་སྤྲོད་ལེན་ཚུ་ ཐད་ཀར་དུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ དངུལ་འབྲེལ་བློག་རིག་ལས་ཁུངས་ལུ་སྙན་ཞུ་འབད་བཅུག་སྟེ་ གལ་སྲིད་དགོ་པ་ཅིན་ འདི་འཕྲོ་ལས་ ཁྲིམས་ལུགས་ལག་ལེན་དབང་ཆ་ཅན་ཚུ་ལུ་ དགོས་མཁོ་བའི་གནས་སྡུད་ཚུ་དང་མཉམ་ བརྡ་དོན་སྤྲོད་འོང་།

འབྲུག་རྒྱལ་ཁབ་ཀྱིས་ འདི་ལས་ལྷག་ མཐར་འཁྱོལ་ཅན་བཟོ་དགོཔ་ཨིནམ་ཧ་གོ་སྟེ་ཡོད། རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་འཕྲུལ་རིག་༼དམིགས་བསལ་ གློག་རིག་རྩིས་ཞིབ་ལམ་ལུགས་དང་ ཡོངས་འབྲེལ་ཉེན་སྲུང་།༽ ། ཅ་དངོས་མཁོ་སྒྲུབ་ཀྱི་དངུལ། ཉེ་སྲུང་འཛིན་སྐྱོང་དང་ཉེན་བཅོལ་བཟོ་གྲྭ མཛོད་ཆས་ཚོང་འབྲེལ་དང་ བགོ་བཤའི་གནས་གོང་ཕྱིར་སྤྲོད་དམ་འཛིན་༼རྒྱལ་གཞུང་འབྲུག་གི་ཉེན་སྐྱོབ་བརྗེ་སོར་ ཐོག་ལས༽ དང་ དངུལ་འབྲེལ་ཤེས་ཡོན་ ༼ཐབས་བརྒྱུད་མ་འདྲཝ་ ཉོ་ཚོང་འཐབ་མི་སྡེ་ཚན་དང་ལས་འཛིན་ཚུ་ དེ་ལས་ དངུལ་འབྲེལ་ཆུང་བའི་གཙུག་སྡེ་ཚུའི་ ཐོག་ལས༽ ཚུ་རྩིས་ཏེ་  དངུལ་ཡར་སེང་ལེགས་སྒྱུར་ཚུ་འཕྲོ་མཐུད་ལག་ལེན་འཐབ་ཡོདཔ་ཨིན།

གལ་སྲིད་འབྲུག་རྒྱལ་ཁབ་ཀྱི་ལེགས་སྒྱུར་འདི་ སྔོན་མ་བཟུམ་སྦེ་ར་ སེམས་ཤུགས་དང་དམིགས་གཏད་བསྐྱེད་པ་ཅིན་ རྒྱལ་ཁབ་ཀྱི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང འབྲུག་གི་དངུལ་འབྲེལ་རིང་ལུགས་ནང་ ལེགས་པའི་ཉེན་སྲུང་གི་བསམ་ལུགས་སྔར་བ་ལྷག་ འབག་འོང་ནི་ལུ་དོགས་མེད།